WordPress དང་འབྲེལ་དྲི་བ་གང་ཡོད་གཤམ་དུ་འགོད་རོགས།

1…(WordPress) མཉེན་ཆས་ངོ་སྤྲོད།

(WordPress) མཉེན་ཆས་ནི་དྲ་ཚིགས་ཀྱི་རྣམ་པ་ཅན་གྱི་མཉེན་ཆས་ཤིག་ཡིན་ལ། མཉེན་ཆས་འདི་བེད་སྤྱོད་ཀྱིས་ཧ་ཅང་སྟབས་བདེའི་ངང་དྲ་ཚིགས་གསར་བཟོ་དང་འཛིན་སྐྱོང་བྱེད་ཐུབ།

དེ་བཞིན་མཉེན་ཆས་འདིར་ཁྱད་ཆོས་གཙོ་བོ་འགའ་ཡོད་པ་གཤམ་གསལ་ལྟར་ཡིན།
ཀ… (free) རིན་མེད་ཡིན་པས་བཀོལ་སྤྱོད་པར་རང་དབང་ལྡན་པ་སྟེ། ཐོན་རིམ་གསར་པ་ནམ་ཐོན་ལ་རིན་མེད་ཐོག་ཕབ་ལེན་བྱས་ནས་སྤྱོད་ཆོག་ཆོག་ཡིན།
ཁ…(Open Source) འབྱུང་ཁུངས་ཁ་འབྱེད་ཡིིན་པས་སྒེར་གྱི་དགོས་མཁོ་ལ་བསྟུན་པའི་བཟོ་བཅོས་བྱེད་ པའི་ཐོབ་ཐང་ཡོད་པས་བྱེད་ནུས་ཧ་ཅང་ཆེན་པོ་ཡོད།
ག… རིན་མེད་མཐུད་སྣེ་དང་། ( Plugin ) དཔེ་སྒྲོམ། ( Theme ) སྟོང་ཕྲག་བརྒལ་བ་ཡོད་པས་དྲ་ཚིགས་ཇུས་འགོད་དང་འཛིན་སྐྱོང་ལ་ཉམས་མྱོང་མེད་ མཁན་དག་གིས་ཀྱང་བཀོལ་ཐུབ།
ང… བཀོལ་སྤྱོད་པ་ས་ཡ་མང་པོ་ཡོད་པས་ཁྱབ་རྒྱ་ཆེ་ཞིང་། མཉམ་སྤྱོད་དང་བགྲོ་གླེང་བྱེད་བདེ་བ་སོགས་ཀྱི་ཁྱད་ཆོས་ཡོད།

Screen Shot 2016-08-31 at 5.06.42 pm.png

2…( WordPress) བོད་སྒྱུར་བྱ་བའི་གོ་རིམ།

ང་ཚོས་དྲ་ཚིགས་བཟོ་བའི་བརྒྱུད་རིམ་ཁྲོད་ནས་མཉེན་ཆས་འདི་མཉེན་ཆས་གཞན་ལས་ཕུན་སུམ་ཚོགས་པ་དང་སྟབས་བདེ་བོ་ཡོད་པའི་ངེས་ཤེས་རྙེད། དེ་བས་མཉེན་ཆས་འདི་བོད་སྒྱུར་གྱིས་དྲ་རྒྱའི་དུས་རབས་ཀྱི་བོད་མི་རྣམས་དང་ཁྱད་པར་བོད་ཀྱི་སྐད་ཡིག་ལ་ཞབས་འདེགས་ཞུ་བའི་སྤྲོ་བ་རྙེད་སོང་། དམིགས་ཡུལ་དང་རྨི་ལམ་དེས་འཛམ་གླིང་ས་ཆ་གང་སར་བཞུགས་པའི་བོད་མི་དང་། ནུབ་ཕྱོགས་པ། ཤར་ཕྱོགས་པ་སོགས་ཆེད་ལས་པ་གང་མང་ཞིག་དྲ་ལམ་མཉམ་འཛོམས་ཀྱིས་བྱ་བར་ཞུགས། ཡུན་རིང་ཞིག་སོང་བའི་དེ་རིང་རྨི་ལམ་ལ་གཤོག་པ་ཐོགས་ཏེ་མཐའ་ཡས་པའི་ཆ་འཕྲིན་ལག་རྩལ་གྱི་མཁའ་དབྱིངས་སུ་འཕུར་འགོ་བརྩམས་ཡོད། མིག་སྔར་ ( WordPress) བཟོ་གྲྭའི་སྐད་ཡིག་སྡེ་ཚན་དུ་བོད་ཡིག་འཇོག་ཐུབ་ཡོད་པ་མ་ཟད།  བོད་ཡིག་ ( WordPress) མཉེན་ཆས་ཕབ་ལེན་དང་བཀོལ་སྤྱོད་བྱེད་ཆོག་ཆོག་ཡིན།

3…( WordPress) བོད་སྒྱུར་ཚོགས་པར་འཛུལ་ཞུགས།

ཆ་འཕྲིན་དུས་རབས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ཇི་ལྟར་མྱུར་བ་བཞིན། ( WordPress) མཉེན་ཆས་ཐོན་རིམ་དེ་ལྟར་མགྱོགས་པས། ཟླ་འགའ་རེའི་མཚམས་ནས་ཐོན་རིམ་གསར་བ་རེ་སླེབ་ཀྱིན་ཡོད། དེ་བས་མི་གྲངས་ཉུང་ཉུང་ཞིག་གིས་དེའི་རྗེས་ཟིན་རྒྱུ་ནི་ཅུང་དཀའ་བའི་གནས་སུ་ལྷུང་ཡོད། སྐུ་ཉིད་ཚོགས་པ་འདིར་འཛུལ་ཞུགས་བྱོས་དང་། ང་ཚོ་མཉམ་དུ་རླབས་ཆེ་བའི་བྱ་བཞག་འདི་རྒྱུན་སྐྱོང་གི་ལས་ལ་འཇུག་པར་བྱའོ།

ཞིབ་ཕྲའི་གནས་ཚུལ་འདྲི་ཡུལ། ཟངས་དཀརཿཚུལ་ཁྲིམས།
སྒེར་འབྲེལ། ཁ་པར་ཨང་གྲངས།: +86 15183711839
གློག་འཕྲིན།: zangtsul@qq.com

 

WordPress དང་འབྲེལ་དྲི་བ་གང་ཡོད་གཤམ་དུ་འགོད་རོགས།” སྟེང་དུ་དཔྱད་མཆན 5 ཡོད།

    1. དགོངས་དག ལན་ཐད་ཀར་འདེབས་ཐུབ་མ་སོང་།
      wordpress.com དྲ་ཚིགས་དེ་གཙོ་བོ་རིན་མེད་དང་མི་སྒེར་གྱི་བོད་འཕྲིན་དྲ་ཚིགས་ཆུང་ཆུང་གཉེར་ས་དེ་འདྲ་རེད། དྲ་ཚིགས་འདི་རུ་གནས་སྐབས་རིང་། བོད་འགྱུར་ WordPress བེད་སྤྱོད་བྱེད་ཐུབ་ཀི་མི་འདུག ལས་གཞི་དེར་བྱ་བ་མང་པོ་ཞིག་འདུག འོན་ཀྱང་། མ་འོངས་པར་ང་ཚོས་རེ་བ་བྱེད་ཀི་ཡོད།
      ང་ཚོས་བོད་འགྱུར་བྱས་པ་དེ་དྲ་ཚིགས་ཀྱི་ས་ཆ་དང་མིང་ཉོ་དགོས་སའི་ཆེད་ལས་དང་ཁྱད་ཆོས་སྣ་ཚོགས་དྲ་ཚིགས་སོགས་སུ་བཀོལ་རྒྱུ་རེད།

      1. ཚུལ་ཁྲིམས་ལགས་གསལ་བཤད་གནང་བར་བཀའ་དྲིན་ཆེ། ལས་གཞི་དེ་དཔེ་མེད་ཕན་འཐོག་འབྱུང་ས་རེད། མཛད་པ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ།

    2. གནས་སྐབས་སུ་བེད་སྤྱོད་བྱེད་མི་ཐུབ། འོན་ཀྱང་། ང་ཚོས་དེར་ལས་ཀ་བྱེད་བཞིན་པས་མི་འགྱང་བར་ཐུབ་པའི་རེ་བ་ཡོད།

  1. འབྲེལ་ཡོད་གླེང་མོལ་གཤམ་ནང་གི་འགྲེལ་བཤད་ཡི་གེ་རྣམས་རྒྱལ་སྤྱིའི་གཅིག་གྱུར་ཡིག་གཟུགས་མིན་པ་འདྲ། དྲ་ངོས་སུ་ལེགས་པོ་འཆར་མི་འདུག་པས་གཟིགས་ཞིབ་གནང་རོགས།
    “བོད་ཡིག་ ཚང་མ་འདི་ལྟར་རེད་འདུག

དཔྱད་མཆན་སྤེལ།