( WordPress) བོད་སྒྱུར་ཚོགས་པར་འཛུལ་ཞུགས།
ཆ་འཕྲིན་དུས་རབས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ཇི་ལྟར་མྱུར་བ་བཞིན། ( WordPress) མཉེན་ཆས་ཐོན་རིམ་དེ་ལྟར་མགྱོགས་པས། ང་ཚོ་ལྟ་བུའི་ཚོགས་པ་ཆུང་ཆུང་ཞིག་གིས་དེའི་རྗེས་ཟིན་རྒྱུ་ནི་ཅུང་དཀའ་བའི་གནས་སུ་ལྷུང་ཡོད། དེ་བས་སྐུ་ཉིད་ཚོགས་པ་འདིར་འཛུལ་ཞུགས་བྱོས་དང་། ང་ཚོས་མཉམ་དུ་དམ་བཅའ་བརྟན་པོའི་རྒྱུན་སྐྱོང་གི་ལས་ལ་འཇུག་པར་བྱའོ།

ཚོགས་པར་འཛུལ་ཞུགས་བྱེད་སྟངས། གཤམ་གསལ་ལྟར་ཧ་ཅང་སླ་བོ་ཡིན།
1…https://login.wordpress.org དྲ་གནས་ལ་ཕེབས་ནས་དེབ་སྐྱེལ་བྱེད་དགོས།
2…ཡིག་སྒྱུར་བྱེད་པ་ཚོགས་པར་འཛུལ་མི་འདོད་ན། ཐད་ཀར་ translate.wordpress.org ཕེབས་ནས། བོད་ཡིག (Tibetan) འདེམས་ནས་ཡིག་སྒྱུར་འགོ་བཙུགས་ཆོག
3…ཡིག་སྒྱུར་ཚོགས་ཞུགས་འདོད་ན། ང་ཚོར་སྐུ་ཉིད་ཀྱི་ wordpress.org བཀོལ་མིང་།(username)སྐུར་དང་ང་ཚོས་ཁྱེད་ཚོགས་པའི་ནང་འཇོག་ངེས།
4…སྐུ་ཉིད་ཡིག་སྒྱུར་རྣམས་ལ་ང་ཚོས་ཞིབ་ལྟ་བྱས་རྗེས་ཆོག་མཆན་ཐོབ་ན། སྐུ་ཉིད་ཀྱི་ཡིག་སྒྱུར་དེ་ wordpress.org བཟོ་གྲྭའི་བོད་ཡིག་སྡེ་ཚན་དུ་སླེབས་ཟིན་པ་རེད།

ཞིབ་ཕྲའི་གནས་ཚུལ་འདྲི་ཡུལ། ཟངས་དཀར་ཚུལ་ཁྲིམས།
སྒེར་འབྲེལ། ཁ་པར་ཨང་གྲངས།: +91-9882324983
གློག་འཕྲིན།: zangkarjamyangtsultrim13@gmail.com
སྐད་འཕྲིན།: zangtsul